༧རྗེ་སྨན་རི་བ།

ལུང༵་རྟོག༵ས་གསེར་གྱི་ལྷུན་པོ་ལས།།

རིམ་དགུ་བསྟ༵ན་པའི༵་བང་རིམ་དོད།།
གྱེར་བསྟན་ཉི༵་མ༵འི་གཟི་འོད་ཀྱིས།།
ལྷོ་གླིང་འོད་ཀྱི་གོང་བུར་བསྒྱུར།། མུ་མཐུད་ཀློག

Advertisements

རྨི་ལམ་ནང་གི་རེ་སྒུག།

སྐྱ་རེངས་མཐའ་ནས་བཀྱག་སྟེ།།
ཉི་ཟེར་རི་ལ་བབ་དུས།།
གསོལ་འདེབས་དབྱངས་རྟའི་ཁྲོད་ནས།།
ང་དང་གྲོགས་པོའི་སེམས་པ།།
དད་པའི་སྨུག་ཞོད་འཁོར་སྟེ།།
བྱིན་རླབས་ལྷ་ལ་ཞུས་ཡོད།། མུ་མཐུད་ཀློག

མྱེས་ཆེན་གཤེན་རབ་རྗེས་སུ་དྲན།།

དད་པའི་ཕྱག་རྒྱ་སྐྱ་རེངས་ཟེར་ལ་བུད།།
གསོལ་འདེབས་དབྱངས་རྟ་ཉི་ཟེར་འཛུམ་ལ་འཁྱུད།།
གདུང་ཤུགས་གནམ་ལ་བོས་པའི་འུར་སྒྲ་འདི།།
གཡུང་དྲུང་དགུ་བརྩེགས་རི་ནས་ལྷངས་སེ་ལྷང་།། མུ་མཐུད་ཀློག

རྟོག་གེ་བ།།

མངོན་རྗེས་རིག་པའི་ཐིག་ཤིང་ཟུང་གཅིག་གིས།།
སྣང་སྲིད་འདོམ་ལ་གཞལ་བའི་རྟོག་གེ་བས།།
སྲིད་པའི་ཕྱི་ལྐོག་བཤུས་ནས་ནང་ལ་བཏུག།
སྣང་བ་ཁྲ་ཁྲ་འདི་ཡི་གསང་རྒྱ་བརྟོལ།། མུ་མཐུད་ཀློག

གཤེན་གྱི་མཛད་རྣམ།

རྩོད་ལྡན་བརྒྱ་པའི་མགོན་པོ་ཉིད།།
ལྔ་སྙིགས་གདུལ་བྱའི་དོན་ཆེད་དུ།།
འགྲོ་བ་རང་མཐུན་སྐུར་བསྟན་ཏེ།།
ཞི་བའི་དབྱིངས་ནས་དོག་ལ་ཕེབས།། མུ་མཐུད་ཀློག

སྤྲིན་གྱི་བང་རིམ་རྟོལ་ཏེ་གནམ་ལ་འགྲོ།།

སྙིང་ཤ་ཆུ་སེར་བླུགས་པའི་སེམས་ཁམས་ལ།།
ཏིང་འཛིན་རང་བབ་མ་ཞིག་མ་གསལ་དུས།།
དུས་གསུམ་བྱ་ར་བྱས་པའི་དམིགས་པ་ལ།།
འཆར་ཡན་སྣང་བ་གསོན་པའི་རྗེས་ཟློས་དེས།།
སེམས་ཀྱི་དག་ཞིང་སེམས་ཀྱི་བསྐྲུན་གྱིན་དུ།
ཡིད་ཀྱིས་སྒོམ་པའི་གནས་ཤིག་བཙལ་ནས་འགྲོ།། མུ་མཐུད་ཀློག

གྲུབ་དབང་བླ་མ་སྙིང་ནས་དྲན།

འཁོར་འདས་འོབ་ཏུ་ཆུབ་པའི་གོམ་སྟབས་དེས།།
ཐེག་དགུའི་གསེར་སྐས་རྩེ་རུ་ཤར་རེར་འཛེགས།།
རིག་པ་དམར་ཐག་ཆོད་པའི་འཕྲུལ་འཁོར་དེས།།
སྣང་བ་རྫུན་གྱི་ཕུང་པོ་དུམ་བུར་བཅད།།
དེ་ཚེ་རི་སུལ་གནས་པའི་སྒོམ་ཆེན་ཡང་།།
རིག་པའི་རང་སོ་ཤོར་ནས་ཁྱེད་ལ་ཧད།། མུ་མཐུད་ཀློག