Category Archives: གྱེར་སྒོ།

རྒོད་པོའི་སེམས་པ།

ཉི་ཟླ་རྣ་ཆ་བྱས་པའི་མགོ་བོ་དེ།།
གནམ་གྱི་རྒྱ་མཐོངས་བར་ནས་མདུན་དུ་བསྲིངས།།
སྤྲིན་དཀར་དུམ་བུར་གཅོད་པའི་གཤོག་པ་དེ།།
རླུང་གི་འཁོར་ལོའི་དཀྱིལ་ནས་འཕྲེད་དུ་བརྐྱངས།།
ས་ཡི་རྩེ་ཏོག་སྦར་མོའི་ཕྱག་རྒྱས་མནན།།
རྒོད་པོའི་སེམས་པས་སྣང་སྲིད་རུམ་ལ་བསྙལ།། མུ་མཐུད་ཀློག

Advertisements

སྣང་གཤེན་ཐེག་པའི་སྐོར།

སྟོན་པའི་བཀའ། གནས་ཆེན་ལྔ་དང་མདོ་སྔགས་རྫོགས་གསུམ་གྱི་སྤྱི་བཤད་ལས། གཉིས་པ་སྣང་གཤེན་ཐེག་པ་ལ། །ལྷ་ལ་ཡོན་འབུལ་བགེགས་ལ་གླུད། །གཏོ་ཡི་རྩི་དང་ཕན་གྱིས་སོད། །སྲིད་པ་རབ་འབྱམས་མདོས་བསྐང་སྟེ། །གཏོ་རིགས་སུམ་བརྒྱ་དྲུག་ཅུ་དབྱེ། །ཞེས་སོ།།