སྐྱིད་ཆུའི་གཞུང་གི་འགྲུལ་པ།།

གངས་ཀྱི་ཤོད་ནས་ན་སྨིན་པའི།།
ཤེལ་གྱིས་བྱུག་པའི་འཛུམ་ཀོང་དེ།།
ཉི་མ་ལྷ་སར་བགད་པ་ཡིས།།
སྐྱིད་ཆུའི་གཞུང་གི་འགྲུལ་བཞུད་པའི།།
ཚོར་བའི་སྙིང་རྟགས་འབུར་དོད་དེས།།
པོ་ཏ་ལ་ཡི་སྒོ་ཡིག་བྱས།།

ངག་གི་གཤིས་ལ་བྱིན་ཆགས་བའི།།
ཅོ་གར་སྤྲུལ་པའི་དབྱངས་རྟ་དེ།།
རྫོང་རྒྱབ་གླིང་ཁར་འབར་བ་ཡིས།།
གཡུ་ཐོག་ཟམ་གྱི་ལྗོངས་རྒྱུའི་བའི།།
རྣ་བ་ཀེར་བའི་གྲིབ་གཟུགས་དེ།།
མེ་ཏོག་ལྡུམ་རའི་བསིལ་གཡབ་བྱས།།

ཙི་ཏའི་གུར་ལ་བསྙལ་བ་ཡི།།
མཚལ་གྱིས་བཟོས་པའི་སེམས་པ་དེ།།
དམར་པོ་རི་ལས་དམར་བ་ཡིས།།
ཇོ་ཁང་མདུན་གྱི་ལྟད་མོ་བའི།།
སྙིང་ཤ་འཕགས་པའི་རོལ་མོ་དེས།།
བར་སྐོར་ལམ་གྱི་གཅོང་བརྡ་བྱས།།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s

%d bloggers like this: