འཁོར་བ་སྤྲུག་པའི་ཁྱེའུ་ཞིག།

སྐུ་ཡི་གོམ་སྟབས་གཅིག་གིས་ཀྱང་།།
གླིང་བཞི་སྐོར་བའི་སེང་ཆེན་ཞིག།
ད་ཞག་འཛམ་གླིང་ནུབ་ཕྱོགས་སུ།།
གཤེན་བསྟན་གངས་རིའི་རྩེ་རུ་འགྱིང་།།
གསུང་གི་ཟབ་གདམ་ཐེངས་གཅིག་གིས།།
ཚངས་རྒྱུང་གཡོ་བའི་གཡུ་འབྲུག་ཞིག།
དེང་སང་ནུབ་ཀྱི་མཁའ་དབྱིངས་སུ།།
ཏིང་འཛིན་སྤྲིན་གྱི་གསེབ་ན་འཕྱོ།།

ཐུགས་ཀྱི་དགོངས་པའི་ཆ་ཙམ་གྱིས།།
སྟོང་གསུམ་གསལ་བའི་ཁྱུང་ཆེན་ཞིག།
ད་ཆ་ཕྱི་ཡི་གླིང་ཆེན་དུ།།
ཤེས་རབ་གཤོག་ཟུང་བརྐྱངས་ཏེ་ལྡིང་།།

ཡོན་ཏན་ཆ་ཤས་རེ་རེ་ཡིས།།
གཞན་ཡིད་གསོ་བའི་ཁུ་བྱུག་ཅིག།
དེ་རིང་ནུབ་ཀྱི་སྐྱེད་ཚལ་དུ།།
བླ་མེད་མགུར་གླུ་འཐེན་ཏེ་བཞུགས།།

འཕྲིན་ལས་མཛད་པ་ཟུར་ཙམ་གྱིས།།
འཁོར་བ་སྤྲུག་པའི་ཁྱེའུ་ཞིག།
དོ་ནུབ་གཤེན་བསྟན་གླིང་ཁ་རུ།།
ཉམས་རྟོགས་བདེ་དྲོད་འབར་ཏེ་གདའ།།

དཔོན་རྩ་བའི་བླ་མའི་གསང་གསུམ་གྱི་མཛད་དྲན་བཞིན་དད་བློ་འཕར་མ་ཞིག་གིས་བསྐུར་ཏེ་ཐོལ་བྱུང་དུ་བྲིས།།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s

%d bloggers like this: