བཞི་གཉིས་ལྔ་ཡི་གོད་ཆག།

གནམ་གྱི་ཉི་ཟླ་ཟུང་གི་འོད་སྣང་མོག།
དོག་གི་མཛེས་སྡུག་རྡུལ་གྱི་ཀློང་དུ་ཐིམ།།
རྒྱབ་ཀྱི་རི་བོ་དེ་ཡང་དངངས་ཏེ་འཁྱོམ།།
ཞབས་ཀྱི་སྲ་བརྟན་ས་ཡང་སྐྲག་ཏེ་འདར།།
གྱོང་གི་ཞིག་རོ་སྟོང་གི་སྲུབ་ཀ་ནས།
རྣམ་ཤེས་གཅེར་བུ་འབུམ་གྱི་སྟོང་གཟུགས་བསྒྲེང་།།

ས་དེ་འཁྱོམས་པས་མི་ཡི་གཞིས་ཀ་བརླགས།།
རོ་ཡི་བརྩེགས་པ་གྱེན་ནས་གྱེན་དུ་བསླངས།།
ཕོ་ཡུག་བརྒྱ་ཡི་སྡུག་གཏམ་གནམ་ལ་སྤུར།།
རི་དེ་གཡོས་པས་ཡུལ་གྱི་མཛེས་པ་གཏོར།།
གྲོང་དང་གྲོང་བདལ་ཞབས་ནས་ཞབས་སུ་བརྫངས།།
མོ་ཡུག་སྟོང་གི་མིག་ཆུ་ས་ཡང་བརླན།།

ས་གཞི་མགོ་རྟིང་ཟློག་པའི་སྲུབ་ཀ་ལ།།
རྣམ་ཤེས་སྟོང་གཟུགས་ཁྲི་ཡི་འཚང་ཀ་ཡོད།།
ས་སྟོང་ལག་མཐིལ་ཙམ་གྱི་ཁུགས་སོ་ལ།།
ཤུལ་ལུས་སྡུག་རྒན་འབུམ་གྱི་སྐད་ཅོར་ཡོད།།
ཡུག་མོ་བརྒྱ་ཡི་ཨམ་ཕྲག་ལྟེམས་ཁུག་ལ།།
རྒྱུས་མེད་དྭ་ཕྲུག་ཞིག་གི་ངུ་ངག་ཡོད།།

གནམ་གྱི་སྤྲིན་པ་ཞེད་ནས་བྱང་ལ་བྲོས།།
ས་ཡི་སྨུག་ཞོད་སྐྲག་སྟེ་རི་ལ་ཡིབ།།
གནས་སའི་འདྲེས་མཚམས་བར་ལ་བདོག་པ་སྟེ།།
ང་དང་རྣམ་ཤེས་འཁྱམ་པོའི་གསང་བ་ཡིན།།
འདི་དང་ཕྱི་མའི་ཚངས་ཐིག་ཕར་ཚུར་ནས།།
སེམས་ཀྱི་ལག་འཇུ་ཚ་བོ་ཚ་རྐྱང་ཡིན།།

ཁང་ཞིག་གི་ཐལ་རྡུལ་དང་དྭ་ཕྲུག་གི་ངུ་ངག་ཡུག་མོའི་སྡུག་སྐད་སོགས་ཀྱིས་ཞེ་སུན་ས་སྟེ་མི་ཡུལ་གྱི་དམྱལ་བ་གྲུང་མའམ་ས་ཡོམ་གྱིས་གོད་ཆག་ཕོག་པའི་བལ་ཡུལ་གྱི་གྲོང་མཐའ་ནས་ཁྱུང་ཐོག་རྒོད་ཀྱིས།།

Advertisements

One thought on “བཞི་གཉིས་ལྔ་ཡི་གོད་ཆག།

  1. ཧི་མ་ལ་ཡའི་རྒྱལ་སྲས། ཟླ་དགུ་པ། 8, 2015 9:32 སྔ་དྲོ Reply

    ཇི་འདྲའི་དུས་ཚིགས་ཤིག ནམ་ཡང་བྲང་ཁ་ན་སེམས་ལྷང་ངེར་གནས།

    Like

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s

%d bloggers like this: