(དཀོར)ཞེས་པའི་དོན་གླེང་བ།

སྤྱིར་(དཀོར)ཞེས་པ་ནི་དངོས་རྫས་སྤྱི་ཡི་མིང་ཡིན་ལ་དཔེར་ན་ཅ་དངོས་ཀྱི་བང་མཛོད་ལ་དཀོར་མཛོད་དང་དེ་དག་བདག་སྐྱོངས་བྱེད་མཁན་དག་ལ་དཀོར་བདག་ཅེས་འབོད་པ་ལྟ་བུ་རེད། འོན་ཀྱང་གཞུང་ལུགས་ཁག་ལ་ཡང་དང་བསྐྱར་དུ་མཐོང་དུ་ཡོད་པའི་(དཀོར་ལ་འབགས་)ཞེས་པའི་དོན་ཅུང་ཟད་གླེང་བར་བྱས་ན། རང་ཉིད་ལ་མི་དབང་བའི་ནོར་རྫས་ལ་འབགས་པའམ་ཡང་ན་དད་རྫས་དམིགས་ཡུལ་དུ་མ་ཐིངས་པ་སྟེ།

དཔེར་ན་སྦྱིན་པའི་བདག་པོ་ནམ་དད་ལྡན་གང་ཞིག་གིས་ཚེ་འདིའི་རྐྱེན་སེལ་དང་ཕྱི་མའི་རྒྱགས་ཕྱེ་གང་རུང་གིས་ཆེད་དུ་དམིགས་ནས་ཕུལ་བའི་དངོས་པོ་དག་དམིགས་ཡུལ་དུ་མ་ཐིང་པར་སོ་སོའི་ཁ་མཁོ་ལག་མཁོའི་ཆེད་དུ་གཞན་ཞིག་ལ་བེད་སྤྱད་ན་ནི་(དཀོར)་ལ་འབགས་པའམ་(དཀོར་)ཞེས་བྱ་སྟེ། མདོ་དྲི་མེད་ལས། གང་དག་དམིགས་པས་འབུལ་བྱེད་པ།། དེ་ཉིད་དམིགས་པར་མ་ཐིངས་ཞིང་།། མི་དམིགས་པ་རུ་སྤྱོད་འཇུག་ན།།དེ་ལ་དཀོར་ཞེས་བྱ་བ་སྟེ།། ཞེས་གསུངས་པས་སོ།། དེ་ནས་རང་རེའི་སྐྱ་སེར་སུ་ཞིག་ཡིན་རུང་སྦྱིན་པའི་བདག་པོས་ཕུལ་བའི་དངུལ་དངོས་དག་ཁོ་ཚོའི་ཚེ་འདིའི་རྐྱེན་སེལ་དང་ཕྱི་མའི་དགེ་རྩ་སོགས་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ནས་འབུལ་གྱི་ཡོད་པ་ནི་བཤད་མ་དགོས་པ་རེད། དེས་ན་དེ་དག་སྦྱིན་པའི་བདག་པོའི་འདོད་ཐོག་ཏུ་མ་བཏང་བར་སོ་སོའི་ཁྱིམ་མིའི་འཚོ་བའི་ཁ་སབ་དང་ཡང་ན་རླངས་འཁོར་རྫིག་པོ་ཐོག་བརྩེགས་ཁང་བཟང་སོགས་སོ་སོའི་ཉེར་མཁོའི་མཐུན་རྐྱེན་བསྐྲུན་བྱེད་ལ་བེད་སྤྱད་ན་ནི་གང་ཟག་རང་ཉིད་(དཀོར་)ལ་འབགས་པའི་ཉེས་ཅན་ཞིག་ཏུ་གྱུར་རེད། དེས་ན་དད་རྫས་དག་དམིགས་ཡུལ་ཐིངས་བ་གལ་ཆེའོ།། ཡང་འགའ་ཞིག་གིས་ལྟ་བ་མཐོ་མདོག་གིས་དད་རྫས་དག་གར་བཏང་ན་ཁྱད་མེད་དུ་རློམས་ཏེ་འཛུབ་མོ་གར་བསྟན་ཤར་དུ་བརྩི་ནས་གང་བྱུང་བེད་སྤྱད་པ་མིག་མཐོང་ལག་ཟིན་དུ་འདུག་པས་རྣམས་པ་ཚོར་ལྟ་བའི་ཚད་མཐོ་དམན་ཇི་ལྟར་སླེབས་ཡོད་མེད་ལྐོག་གྱུར་གྱི་གསང་བ་ཞིག་ཡིན་རུང་སྦྱིན་པའི་བདག་པོའི་སེམས་ལ་གནོང་འགྱོད་སྐྱེས་ཕྱིན་ཆད་དད་རྗས་དག་དམིགས་ཡུལ་དུ་མ་ཐིངས་བར་བརྩི་མི་ཆོག་གམ་སྙམས། དེ་ཡང་འབུལ་བའི་ཡུལ་ལ་མཐོ་པོ་དྭངས་བ་འདྲེན་པའི་ཡུལ་བླ་མ་དང་དགེ་འདུན་གྱི་ཚོགས་དང་། དམའ་བ་སྙིང་རྗེའི་ཡུལ་ཉམ་ཐག་ཀྱི་སྤྲང་པོ་སོགས་ཏེ། མདོ་དྲི་མེད་ལས། མཐོན་པོར་དྭངས་བའི་ཡུལ་འདྲེན་དང་། དམའ་མོ་སྙིང་རྗེའི་དམིགས་ཡུལ་ཏེ། ཞེས་སོ།། དེས་ན་མཐོ་པོའི་དྭངས་བ་འདྲེན་པའི་ཡུལ་བླ་མ་དང་དགེ་འདུན་གྱི་སྡེ་ལ་ཕུལ་བའི་དད་རྫས་དག་འབུལ་ཡུལ་དུ་མ་ཐིངས་བར་ཁ་བསླུ་དང་ལྐོགས་ཟ་བྱས་ན་ཉེས་པའི་ཚད་ཤིན་ཏུ་ལྕི་སྟེ། མདོ་དྲི་མེད་ལས། མཐོ་པོའི་ཞིང་ལ་བསྔོས་གྱུར་པ། དམའ་མོའི་ཁོག་པར་གསེར་བས་ལྗི། ཞེས་སོ།། རང་ཉིད་བླ་མ་དང་སྤྲུལ་སྐུ་དཔོན་པོ་སོགས་མཐོ་པོ་སུ་འདྲ་ཞིག་ཡིན་རུང་དམའ་བ་ཉམ་ཐག་ལ་སྦྱིན་པ་གཏོང་རྒྱུའི་ཅ་དངོས་ལྐོག་ཟོས་བྱས་ནའང་ཉེས་པ་དེ་བཞིན་ཏེ། མདོ་དྲི་མེད་ལས། དམའ་མོའི་ཞིང་ལ་བསྔོན་གྱུར་པ། མཐོ་པོར་འདུག་ཀྱང་ཉེས་པ་ཆེ། ཞེས་སོ།། མདོར་ན་གཞན་གྱིས་ཕུལ་བའི་དངོས་པོ་དག་དམིགས་ཡུལ་དུ་མ་ཐིངས་པར་སོ་སོས་བེད་སྤྱད་ཚེ་ནང་ཆོས་ལྟར་ན་(དཀོར་)ལ་འབགས་པའི་སྡིག་ཉེས་འབྱུང་སྟེ་ཕྱི་མར་རྣམ་སྨིན་ཀྱི་ཁྲིམས་ཆད་ཕོག་ཅིང་། འཇིག་རྟེན་པའི་ལུགས་ལའང་ལྐོགས་ཟ་རུལ་སུང་གི་ནག་ཉེས་འགོས་ཏེ་ཚེ་འདིར་ཁྲིམས་ཆད་ཕོག་པ་སོགས་ཉེས་པའི་ཚད་ལྗི་བས་གཟབ་དགོས་པ་གལ་ཆེ།།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s

%d bloggers like this: