༧རྗེ་སྨན་རི་བ།

ལུང༵་རྟོག༵ས་གསེར་གྱི་ལྷུན་པོ་ལས།།

རིམ་དགུ་བསྟ༵ན་པའི༵་བང་རིམ་དོད།།
གྱེར་བསྟན་ཉི༵་མ༵འི་གཟི་འོད་ཀྱིས།།
ལྷོ་གླིང་འོད་ཀྱི་གོང་བུར་བསྒྱུར།།

ཐོབ་གསར་སྨན་གྱི་རི་བོ་རུ།།
གཤེན་བསྟན་དར་གྱི་བསིལ་གདུགས་ཕུབ།།
བཤད་སྒྲུབ་ཟུང་གི་འཕེན་ལྕེ་ནི།།
གོ་ལའི་མགུལ་འཆིང་ཚུལ་དུ་བཀོན།།

གཡས་རུའི་སྟོན་ཆེན་བཅོ་བརྒྱད་ཀྱི།།
ཐུགས་དམ་གསེར་གྱི་གཡུང་དྲུང་རིས།།
གབ་མཛོད་གཞུང་གི་གཏེར་སྒོ་དེ།།
ལྷོ་ཕྱོགས་རྒྱ་གར་ཡུལ་དུ་ཕྱེས།།

སྨན་རིའི་མཁན་ཆེན་རིམ་བྱོན་གྱི།།
བརྒྱུད་པ་མུ་ཏིག་ཕྲེང་བའི་བསྟར།།
ཤར་རེར་འཐེན་པའི་ཉག་ཐག་དེ།།
འཆུག་མེད་སྨན་གྱི་རི་ལ་བཟུང་།།

ཡབ་ཆེན་རྒྱལ་བ་སྤྱན་གཅིག་པའི།།
འཛམ་གླིང་གཡས་བཞག་ནོར་བུ་སྟེ།།
ཕ་འབབ་འཕྲུལ་གྱི་སྒྲོན་མེ་ལྔ།།
འཛམ་གླིང་གོ་ལའི་ཏོག་ཏུ་སྤར།།

དུས་འདིར་གཤེན་དང་གཉིས་མེད་པའི།།
འདྲེན་མཆོག་ཉི་མ་གཞོན་ནུའི་སྐུ།།
ཉེར་འཚེའི་གཡུལ་ལས་རབ་རྒྱལ་ཏེ།།
ལྷོ་རྒྱལ་འཛམ་བུའི་རྒྱན་དུ་འཛུམ།།

ད་ཡང་བསྐལ་པ་བསྐལ་པའི་བར།།
མི་ཤིག་གཡུང་དྲུང་ཁྲི་འཕང་དུ།།
འཆི་མེད་སྐྱེས་ནས་བཙན་གྱུར་ཏེ།།
འགྱུར་མེད་སྐུ་ཡི་གསས་མཁར་བརྟན།།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google photo

You are commenting using your Google account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s

%d bloggers like this: