Monthly Archives: ཟླ་བརྒྱད་པ། 2015

ལམ།

✍ ལམ་ཀ་ཤིན་ཏུ་ཡངས། རྒྱུ་མཚན་ནི། ངའི་མེས་པོ་ཚོས་ལམ་ཀ་འདི་ནས་རྒྱ་དཀར་ནག་སོགས་ཡུལ་ཆེན་བཅོ་བརྒྱད་ལ་ཚོང་ལམ་དང་ཤེས་རིག་གི་ཁྱབ་སྤེལ་བཏང་མྱོང་བས་སོ།

Advertisements

བླ་མེད་ཐེག་པའི་སྐོར།

སྟོན་པའི་བཀའ། གནས་ཆེན་ལྔ་དང་མངོ་སྔགས་རྫོགས་གསུམ་གྱི་སྤྱི་བཤད་ལས། དགུ་བ་བླ་མེད་ཐེག་པ་ལ། །ཐེག་བརྒྱད་སྤྱི་ལ་ཁྱབ་པ་སྟེ། །གཡུང་དྲུང་སྤྱི་ལུང་ཆེན་པོ་ཡིན། །དེ་ལྟར་གནས་ལྔ་ཐེག་པ་དགུ། །དང་པོར་གསུངས་པའི་བཀའ་ལུང་ངོ་། །བར་བ་བདེན་གཉིས་གསུང་ཚུལ་ལས། །སྒོ་བཞི་མཛོད་དང་ལྔ་རུ་དབྱེ། །ཞེས་སོ།།

ཡེ་གཤེན་ཐེག་པའི་སྐོར།

སྟོན་པའི་བཀའ། གནས་ཆེན་ལྔ་དང་མདོ་སྔགས་རྫོགས་གསུམ་གྱི་སྤྱི་བཤད་ལས། བརྒྱད་པ་ཡེ་གཤེན་ཐེག་པ་ལ། །ལྟ་སྒོམ་སྤྱོད་འབྲས་བཞི་རུ་དབྱེ། །རྒྱུད་ལ་མན་ངག་སྤྱི་ཁོག་དབུགས། །རྩ་རླུང་ཐིག་ལེ་བདེ་དྲོད་སྦྱར། །མན་ངག་གནད་དོན་བསམ་མཐའ་ཡས། །ཡེ་གཤེན་ཐེག་པའི་བོན་སྡེ་འོ། །ཞེས་སོ།།

ཨ་དཀར་ཐེག་པའི་སྐོར།

སྟོན་པའི་བཀའ། གནས་ཆེན་ལྔ་དང་མདོ་སྔགས་རྫོགས་གསུམ་གྱི་སྤྱི་བཤད་ལས། བདུན་པ་ཨ་དཀར་ཐེག་པ་ལས། །སྔགས་སྡེ་ཆེན་པོ་དགུ་རུ་སྟེ། །གསང་སྔགས་རིག་སྔགས་གཟུངས་སྔགས་དང་། །ཐིས་སྔགས་དབལ་སྔགས་སྤུར་སྔགས་དང་། །དམོད་སྔགས་དྲག་སྔགས་ངན་སྔགས་སྟེ། །གསང་བ་སྔགས་ཀྱི་སྡེ་དགུ་ལས། །ཡན་ལག་སུམ་བརྒྱ་དྲུག་ཅུ་དབྱེ། །ཨ་དཀར་ཐེག་པའི་བོན་སྡེ་འོ། །ཞེ་སོ།།

དྲང་སྲོང་ཐེག་པའི་སྐོར།

སྟོན་པའི་བཀའ། གནས་ཆེན་ལྔ་དང་མདོ་སྔགས་རྫོགས་གསུམ་གྱི་སྤྱི་བཤད་ལས། དྲུག་པ་དྲང་སྲོང་ཐེག་པ་ལ། །འབུམ་སྡེ་བཞི་ཡི་གཟུངས་ལ་འབྲེལ། །གཙང་དག་རྒྱས་པ་ཡུམ་གྱི་འབུམ། །གྱ་དོར་སེལ་མ་ལྷ་ཡི་འབུམ། །བོན་ཉིད་རབ་འབྱམས་སྲིད་པའི་འབུམ། །འགྲོ་འདུལ་ཤེས་རབ་དྲྭ་བའི་འབུམ། །དེ་དག་འབུམ་སྡེ་བཞི་ལས་སུ། །འབུམ་ཕྲན་བརྒྱ་དང་རྩ་བརྒྱད་དབྱེ། །དྲང་སྲོང་ཐེག་པའི་བོན་སྡེ་འོ། །

དགེ་བསྙེན་ཐེག་པའི་སྐོར།

སྟོན་པའི་བཀའ། གནས་ཆེན་ལྔ་དང་མདོ་སྔགས་གསུམ་གྱི་སྤྱི་བཤད་ལས། ལྔ་བ་དགེ་བསྙེན་ཐེག་པ་ལ། །དགེ་བསྙེན་རྒྱུ་འབྲས་དཀའ་སླ་སྟེ། །མདོ་སྡེ་ཆེན་པོ་བརྒྱད་དུ་སྟེ། །སྣོད་བཅུད་འབྱུང་རྫོགས་བསྐལ་པའི་མདོ། །ཆགས་གནས་འཇིག་སྟོངས་འབྱུང་བའི་མདོ། །དྲག་རྩུབ་ཞི་བྱེད་བསྙོམས་པའི་མདོ། །ཐུགས་རྗེ་ཤེས་རབ་དྲྭ་བའི་མདོ། །བསྲུང་ཁྲིམས་ཡོན་ཏན་ངོ་མཚར་མདོ། །སེམས་བསྒྲུབ་སེལ་བུ་དོན་གྱི་མདོ། །བསྐལ་སྲིད་འབྱུང་དེད་ལུང་གི་མདོ། །དེ་ལྟར་མདོ་སྡེ་གཞུང་བརྒྱད་ལ། །མདོ་ཕྲན་ཉིས་བརྒྱ་ལྔ་བཅུ་སྟེ། །དགེ་བསྙེན་ཐེག་པའི་བོན་དུ་དབྱེ། །ཞེས་སོ།།

སྲིད་གཤེན་ཐག་པའི་སྐོར།

སྟོན་པའི་བཀའ། གནས་ཆེན་ལྔ་དང་མདོ་སྔགས་རྫོགས་གསུམ་གྱི་སྤྱི་བཤད་ལས། བཞི་བ་སྲིད་གཤེན་ཐེག་པ་ལ། །ཤི་ཐབས་སུམ་བརྒྱ་དྲུག་ཅུ་དང་། །འདུར་ཐབས་བཞི་བཅུ་རྩ་གཉིས་སྟེ། །འདི་ཕྱི་ཕན་བདེའི་བོན་སྡེར་དབྱེ། །ཞེས་སོ།།