ངོ་སྤྲོད།
མིང་། ཁྱུང་ཐོག་རྒོད།
ཁྱུང་སྟོད་ཀྱི་འབྲོག་གཞིས་དཀྱུས་མ་ཞིག་ཏུ་ན་སོ་འབུས་ཏེ། ལྷས་འདབས་ཀྱི་ལུག་ཁྱུ་དང་ལྷན་ཏུ་བྱིས་པའི་རོལ་རྩེད་ལ་གཡེང་། འབྲོག་ཕྲུག་དཀྱུས་མ་ཞིག་ལ་མཚོན་ན་སློབ་རར་འགྲིམ་པའི་གོ་སྐབས་ནི་ཉིན་མོའི་སྐར་མའི་དཔེ་ལས་མ་འདས་པས་ཁོ་བོ་ཡང་ཁོར་ཡུག་དེའི་ཤུགས་རྐྱེན་འོག་ཏུ་ཚུད་དེ་ནོར་ལུག་གི་རྨིག་རྗེས་འཚོལ་བ་ཙམ་ལས་ཐ་ན་དམའ་འབྲིང་སློབ་རའི་སྒོ་ཐེམ་ཙམ་ཡང་འགྲིམས་པའི་སྐལ་བ་མ་བྱུང་། ཅུང་ན་སྨིན་སྐབས་དང་བསྟུན་ཏེ་ཀ་ཁའི་དབྱངས་རྟར་བྱན་ཆུབ་པར་བྱས་ཤིང་འབྲོག་ཁུལ་གྱི་བོན་གཞིས་དག་ལ་འབུད་རྡུང་གི་རོལ་མོ་བཀྲོལ། ཞོར་དུ་ཡུལ་དེ་གའི་གནས་བབ་ལས་དཔག་པའི་སོ་ནམ་གྱི་བྱ་བར་འབད་དེ་བློ་གསལ་བྱིས་དུས་ཀྱི་མི་ཚེ་ནི་སྣུམ་ཟད་གྱི་མར་མེ་བཞིན་མོག་པོར་གྱུར། ལང་ཚོ་དར་ལ་སྨིན་སྐབས་ཤིག་ནས་སྐྱ་མོག་མོག་གི་གོས་མདོག་བསྒྱུར་ནས་མཚམས་སྤྲིན་གྱི་ཁུ་བས་བྱུགས་པའི་གླིང་ཞིག་དུ་བསྐྱོད་དེ་གཞི་ནས་ཐོས་བསམ་གྱི་རྩི་བཅུད་འཇིབས་པའི་གོ་སྐབས་རྙེད། ད་ཆར་མདོ་སྔགས་བསྟན་པ་རྒྱས་པའི་ཞིང་ཁམས། བཤད་སྒྲུབ་ཉི་ཟླ་འཛུམ་པའི་ས་ཆེན། འཆད་ཉན་ཆུ་བོ་བཞུར་བའི་གནས་ཞིག་སྟེ། ཀླུ་གྲུབ་རི་བོ་འགྱིང་བའི་འདབས་རོལ་དེར་འཚོ་བཞིན་མཆིས། །
ཟླ | མིག | ལྷག | ཕུར | སངས | སྤེན | ཉི |
---|---|---|---|---|---|---|
1 | 2 | 3 | 4 | 5 | 6 | 7 |
8 | 9 | 10 | 11 | 12 | 13 | 14 |
15 | 16 | 17 | 18 | 19 | 20 | 21 |
22 | 23 | 24 | 25 | 26 | 27 | 28 |
29 | 30 |
ཉེ་ཆར་དགོངས་ཚུལ།